16514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆས་པ་འཇམ་དཔལ་བསྟན་པའི་སྒྲོན་མེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་བྱི་ཕྱི་ལོ་ ༡༧༦༨ ལོར་མདོ་སྨད་མཛོད་དགེ་སྨད་བསེ་ཚང་དུ་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་སྤྲུལ་སྐུར་ངོས་འཛིན་མཛད། ཆས་པ་ཀོང་བུ་ནང་དགའ་ལྡན་བཀྲ་ཤིས་བསམ་འགྲུབ་གླིང་གི་གདན་སར་བཀོད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། མཛོད་དགེ་དགེ་འདུན་དཔལ་བཟང་དགེ་རྒན་དུ་བསྟེན། བསྡུས་གཞུང་དང་། ཚད་མ་རྣམ་འགྲེལ་བཅས་ལ་སྦྱངས། ཀུན་མཁྱེན་འཇིགས་མེད་དབང་པོ་རྩ་བའི་བླ་མར་བཀུར། སྨད་དུ་སྔ་ཕྱིར་ལན་དུ་མར་བྱོན། རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས། པེ་ཅིན་དུ་བྱོན་ཏེ་ཁྲི་རྒན་རྒྱ་ནག་པ་ལས་སྒྲུབ་ཐབས་རིན་འབྱུང་དང་། བརྒྱ་རྩ་གསུམ་སོགས་ཀྱི་དབང་རྣམས་གསན། བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་མང་འགྱེད་དང་། རང་དགོན་དུ་བྱམས་ཆེན་རྟེན་བརྟེན་པ་གསར་བཞེངས་མཛད། འདས་ལོ་མི་གསལ། ཆས་པའི་སྐུ་ཕྲེང་གསུམ་པ་ཡིན།