16515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆས་པ་རྒྱ་གར་བ་འཇམ་དཔལ་གྲུབ་པའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་མདོ་སྨད་ཨ་མདོའི་ཡུལ་དུ་འཁྲུངས། གཞོན་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། མདོ་སྔགས་ཀྱི་གཞུང་རྣམས་ལ་ཐོས་བསམ་མཛད། རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་ཕྱི་ལོ་ ༡༨༠༢ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་འཛིན་ལས་ཐོག་པ་ཡིན་པ་གསུང་འབུམ་གྱི་བཞུགས་བྱང་དུ་འཁོད་འདུག་ཀྱང་། བླ་བྲང་གི་གདན་རབས་དག་ཏུ་ཁོང་གི་མཚན་ཐོ་མི་བཞུགས་པས་ད་དུང་ཞིབ་ཏུ་དཔྱད་དགོས། གསུང་རྩོམ་ནི་དགྲ་བོ་སྨྱོ་བ་དང་རིམས་དབབ་པར་བྱེད་པའི་འཕྲུལ་འཁོར་མ་ཧེའི་ཞལ་ཅན་དྲག་པོའི་ངར་དབྱངས་དང་། དམ་ཅན་ཆོས་རྒྱལ་ལ་བརྟེན་པའི་དྲག་པོའི་ཟོར་ཆེན་དུག་མཚོ་ཁོལ་མའི་རྦ་རླབས་མཐའ་དམག་འབུམ་བཟློག ཆོས་རྒྱལ་དྲག་པོའི་ཆེན་ཟུར་འདེབས་གནམ་ལྕགས་རྡོ་རྗེའི་ཐོག་ཆར་འཇིགས་པའི་གློག་ཕྲེང་། ལྷ་མོ་ཕྱོགས་བཞི་མའི་སྒོ་ནས་ཐུན་མོང་མ་ཡིན་པའི་དྲག་པོའི་གཏོར་ཆེན་བསྐལ་བའི་མེ་ལྕེ་འབར་བའི་ཕྲེང་བ། འབྲུམ་པ་དཀར་ནག་སྲུང་ཚུལ་སོགས་མན་ངག་ཟབ་བསྡུས་འཇིགས་མེད་རྡོ་རྗེའི་ཕ་ལམ། ཆས་པ་སྤྲུལ་སྐུ་རྨི་ལམ་བཅས་ཆོས་ཚན་བཅུ་དགུ་ལོངས་པའི་བཀའ་རྒྱ་མ་པོད་གཅིག་བཞུགས།