16516

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆས་པ་རྒྱ་མཁར་བ་ངག་དབང་དགེ་འདུན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་ཕག་ཕྱི་ལོ་ ༡༨༣༩ ལོར་མདོ་སྨད་ཁྱ་དགེའི་སེ་ཚང་ཡུལ་དུ་ཡབ་བསྟན་པ་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲུས་སུ་འཁྲུངས། བཞི་ལྔ་ཙམ་ལ་ཀུན་མཁྱེན་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་རྒྱ་མཁར་བ་དཀོན་མཆོག་བསྟན་པའི་ཉི་མའི་ཡང་སྲིད་དུ་ངོས་འཛིན་མཛད། བདུན་པར་གོང་མའི་གདན་ས་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དུ་ཕེབས། ས་དམར་ཆོས་འཛིན་ཀློག་གི་སློབ་དཔོན་དུ་བསྟེན། སྦྱོར་ཀློག་འདོན་ཆོག་རྣམས་རྫོགས་པར་སྦྱངས། མཁན་པོ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ལས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་བླངས། མཚན་ལ་དཀོན་མཆོག་ལུང་རིགས་རྒྱ་མཚོ་ཞེས་གསོལ། བཅུ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། རྡོ་རམས་རྡ་རིག་བློ་བཟང་ལས་ཚད་མ་དང་། བསྡུས་གྲྭ་སོགས་སྦྱངས། རྗེ་བཙུན་ཤེས་རབ་རྒྱ་མཚོ་ལས་བཀའ་འགྱུར་ཡོངས་རྫོགས་ལྗགས་ལུང་ཞུས། གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། མཚན་ལ་ངག་དབང་དགེ་འདུན་སངས་རྒྱས་རྒྱ་མཚོ་ཞེས་གསོལ། སོག་ཡུལ་མཎྜལ་སུ་མེ་དགོན་དང་། ཧལ་ཧར་སོགས་སུ་ཕེབས། རི་བོ་རྩེ་ལྔ་དང་། པེ་ཅིན་དུ་ཕེབས། ཙནྡན་ཇོ་བོ་བྱིན་ཅན་ལ་མཇལ་ནས་རང་ཡུལ་དུ་ཕེབས། སུམ་ཅུ་བར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལོ་གཅིག་ཙམ་ལ་ཆོས་གྲྭར་འགྲིམས། བསམ་ཡས་གཙུག་ལག་ཁང་དང་། ཁྲ་འབྲུག་ལྷོ་བྲག་ཕྱོགས་ཀྱི་མར་མིའི་གདན་ས། འབྲོང་རྩེའི་ཞྭ་ལུའི་གསེར་ཁང་། རྒྱལ་རྩེ་དཔལ་མགོན་མཆོད་རྟེན། ས་སྐྱ་དང་སྣར་ཐང་སོགས་གནས་ཆེན་རྣམས་ལ་མཇལ། བཀྲ་ཤིས་ལྷུན་པོར་ཕེབས། བཤད་གྲྭ་གསར་འཛུགས་མཛད། སོག་ཧལ་ཧའི་ཕྱོགས་སུ་བྱོན། མི་དབང་ཛ་སག་བསོད་ནམས་ཚེ་རིང་རྡོ་རྗེ་དང་། མཆོད་ཡོན་ཟུང་འབྲེལ་མཛད་ནས་ཡུན་རིང་བཞུགས། ང་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་བཞུགས། ང་བདུན་པར་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིིང་གི་ཚོགས་ཆེན་ཁྲིར་བཞུགས། རྒྱ་བོད་ཀྱི་ས་མཚམས་སུ་མཆོད་རྟེན་ཞིག་བཞེངས། གཟུངས་ཞུགས་བྱིན་ཆེན་ཕུལ། རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ཕྱི་ལོ ༡༩༠༥ ལོར་སྐུ་གཤེགས། གསུང་རྩོམ་ནི་རྟོགས་བརྗོད་དང་། རྣམ་ཐར། བསྟོད་ཚོགས། སྙན་ངག ཆབ་ཤོག དྲིས་ལན། ཁྲིད་ཡིག་བཅས་པོ་ཏི་གཉིས་སུ་བཞུགས།

{{#arraymap:ཆས་པ་རྒྱ་མཁར་བ་ངག་དབང་དགེ་འདུན་རྒྱ་མཚོ་

|; |@@@ | | }}