16525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆི་བི་ཁ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྐྱ་ལ་སྦོམ་ཕྲ་སྣ་ཚོགས་ཡོད་པ། ཡལ་ག་དང་ཡལ་ཕྲན་མང་ཞིང་ཚེར་མ་ཕྲ་བ་གཉིས་རེ་ཁ་སྤྲོད་བྱས་ན་སྐྱེ་བ། གསར་སྐྱེས་ཡལ་ག་དྲང་པོ་མེད་པ་དང༌། ལོ་མ་སྔོ་ལྗང་མཐུག་ལ་འཇམ་པ་སྙིང་དབྱིབས་འདྲ་བའི་མཐར་ཉག་ག་ཞིབ་པ། ལོ་མའི་རྩ་རིས་གཞུང་རྒྱུག་གསུམ་གསལ་པོ་ཡོད། མེ་ཏོག་སེར་སྐྱ་ཆུང་བ་ཟུར་ལྔ་ཡོད་པ་སྦུབས་མདོང་དབྱིབས་ཅན་གཉིས་རེ་ལོ་མའི་མཚམས་ནས་འཆར་ཞིང༌། འབྲས་བུ་ཆེ་ཆུང་ཁམ་བུ་ཙམ་ལ་ཤ་རྒྱུ་ཅན་སྨིན་ཚེ་དམར་སྨུག་ཆགས་པ་སྟེ། བོད་ཟླ་དགུ་པ་ཙམ་ལ་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་གཙང་མ་བཀྲུས་རྗེས་མ་རུལ་བར་སྐམ་སྟེ་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ལྕི་ལ་སྣུམ་པས་བད་ཀན་སྨུག་སེར་དང་ཕོ་ནད་སོགས་སེལ་ཞིང༌། རླུང་ཁྲག་དང་ཚ་བ་སྤྱི་ལ་ཕན། ཁྱད་པར་སྨྱོ་བྱེད་གདོན་ལ་ཕན་པ་དང༌། རོ་ཚ་བར་བྱེད་པ་ཡིན།