16540
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། ཉོན་མོངས་ཆེན་པོའི་ས་མང་དང་མི་དགེ་བའི་ས་མང་གཉིས་ལས་གཞན་པའི་ཉོན་མོངས་གང་དང་ཡང་མཚུངས་ལྡན་དུ་མི་འགྲོ་བའི་ཉོན་མོངས་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། (མ་རིག་པ་ལས་གཞན་པའི་རྩ་ཉོན་བཞི། ཉོན་མོངས་ཆུང་ངུའི་ས་མང་བཅུ། འགྱོད་པ་སྟེ། )བཅོ་ལྔ་པོ་འདི་དག་རང་རང་གི་གྲོགས་མ་རིག་པ་མ་གཏོགས་རྩ་བའི་ཉོན་མོངས་གཞན་དང་ནང་ཕན་ཚུན་མི་མཐུན་པའི་ཕྱིར་མཚུངས་ལྡན་དུ་འགྲོ་བ་མེད་དེ། འདོད་ཆགས་དང་མཚུངས་ལྡན་གྱི་ཁོང་ཁྲོ་དང༌། ཁོང་ཁྲོ་དང་མཚུངས་ལྡན་གྱི་ང་རྒྱལ་སོགས་མེད་པ་ལྟར་གཞན་ལ་ཡང་རིགས་འདྲེ་ཞིང༌། དེའི་ཕྱིར་འདི་དག་ཆིག་སྐྱ་ཐུབ་པའི་ཉོན་མོངས་སུའང་བཞག་པ་ཡིན་ལ། ཞེས་གསུངས། དོན་གཅིག་མིང་གི་རྣམ་གྲངས་ལ། ཀུན་དཀྲིས་ཆིག་རྐྱང་ཐུབ་པ། ཆིག་སྐྱ་ཐུབ་པའི་ཉོན་མོངས། |
| Domain | ཆོས་ལུགས། |