16553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆིངས་སུ་ཙུག་ཐུ་ནོ་མོན་ཉན་བློ་བཟང་ནོར་བུ་ཤེས་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡༧༣༧ ལོར་སོག་ཡུལ་ཆེན་པོ་ཧོར་གྱི་རིགས་སུ་འཁྲུངས། འདས་ལོ་མི་གསལ། བརྒྱད་པར་མཁན་པོ་བརྩོན་འགྲུས་བཟང་པོའི་མདུན་ནས་དགེ་བསྙེན་དང་། རབ་བྱུང་གི་སྡོམ་པ་མནོས། སྦྱོར་ཀློག་བློར་འཛིན་སོགས་ལ་འབད་པ་ལྷུར་ལེན་མཛད། བཅུ་དགུ་བར་སློབ་དཔོན་བློ་བཟང་དམ་པའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ཉེར་དྲུག་པར་པེ་ཅིང་ཙན་དན་ཇོ་བོའི་ལྷ་ཁང་དུ། བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱིས་མཁན་པོ་དང་། བྱམས་པ་ལྷ་ཁང་གི་ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས དགེ་ལྡན་བཤད་སྒྲུབ་གླིང་གི་བཅའ་ཡིག་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ཕྱི་ལོ་ ༡༧༤༧ བརྩམས། སོག་ཡུལ་གྱི་དགོན་པ་དགེ་ལྡན་བཤད་སྒྲུབ་བསྟན་འཕེལ་གླིང་ནི་གདན་ས་ཡིན། གསུང་རྩོམ་ནི་ཁྲིད་ཡིག་དང་། བླ་མའི་རྣལ་འབྱོར། སྒྲུབ་ཐབས། ཆོ་ག བཅའ་ཡིག ཆར་འབེབས། དཀར་ཆག་བཅས་པོ་ཏི་དྲུག་བཞུགས།