16641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་གོས་མི་འཆང་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་བཅུ་གཉིས་སྡེ་དག་སྒྲེན་མོར་བྱུང་ནས་ཆུ་ཀླུང་དུ་ཁྲུས་བྱེད་པ་ན། སྦོམ་དགའ་མོས་ཁོ་མོའི་སྤུའི་ཚོམས་ཤིན་ཏུ་གནག་ཅིང་ལེགས་པར་འཁྱིལ་བ་ལ་ལྟོས་ཞེས་སྟོན་པར་བྱེད་པ་ལས། དགེ་སློང་མས་ཁྲུས་རས་བཅངས་པར་བྱའོ་ཞེས་གསུངས་སོ། །དེའི་ཚེ་ན་སྦོམ་དགའ་མོས་ཁྲུས་རས་བཅང་བར་མི་བྱེད་པ་ལས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བའོ། །ཊཱི་ཀ་ལས་ཁྲུས་དང་ཆར་ཆུ་ལ་སོགས་པས་ལུས་གཤེར་བར་གྱུར་པའི་ཚེ་ན་ཆུ་གོས་མི་འཆང་བ་ལའོ་ཞེས་དང། དེའི་ཚེ་ན་དགེ་སློང་མས་ཆུ་གོས་མི་འཆང་མི་གྱོན་ན་ལྟུང་བྱེད་དུ་འགྱུར་རོ། །དེ་ཡང་ཊཱི་ཀ་ལས་འདོམས་ཀྱི་སྤུ་མན་ཆད་ནས་པུས་མོའི་ལྷ་ང་ཡན་ཆད་ཀྱི་ཕྱོགས་མི་འགེབས་པ་ལ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། ཁྲུས་དང་ཆར་པ་ལ་སོགས་པས་ལུས་གཤེར་བར་གྱུར་པའི་ཚེ་ཆུ་གོས་མི་འཆང་མི་གྱོན་པ་ནི། ཆུ་གོས་མི་འཆང་བའི་ལྟུང་བྱེད་དོ། །ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།