From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆུ་གྲི་ (1)
| Part of speech
|
མིང་ཚིག
|
| Definition
|
གྲི་ཐུང་སོ་གཅིག་པ་དང་སོ་གཉིས་པའི་མིང་སྟེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། ཆུ་གྲི་ནི་གྲི་ཐུང་སོ་གཅིག་པ་དང་སོ་གཉིས་པའོ། །ཞེས་གསུངས་ཤིང་།
|
| Example
|
རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་ལས། མེ་ལྕེ་སྟོང་གི་དྲྭ་བ་ན་འཁྲིགས་པའི་རལ་གྲི་འབར་དང་རལ་གྲི་གཞོན་ནུ་ཆུ་གྲི་དང་ནི་ཀ་ཎ་ཡ་སོགས་ལོང་ལོང་གཡོ་ཞིང་ཐམ་ཐམ་ཟུག་པས་ཕྱོགས་ཀུན་འགེངས། ཞེས་པ་ལྟ་བུ།
|
ཆུ་གྲི་ (2)
| Part of speech
|
མིང་ཚིག
|
| Definition
|
དཔལ་རྡོ་རྗེ་འཇིགས་བྱེད་སོགས་ཁྲོ་བོའི་རིགས་ཀྱི་ལྷའི་ཕྱག་མཚན་ཀྱོག་ཅིང་ཐུང་བ་ཞིག་གི་མིང་།
|
ཆུ་གྲི་ (3)
| Part of speech
|
མིང་ཚིག
|
| Definition
|
ས་འོག་ནས་རང་བྱུང་དུ་ཐོན་པའི་ལྕགས་རིགས་དང་། མིས་ལས་སྣོན་བྱས་ཏེ་བཟོས་པའི་ལྕགས་རིགས། ཁྲུང་ཁྲུང་གིས་ལྕགས་ཕྱེ་ཟོས་ནས་སྐྱུགས་པའི་ལྩགས་རིགས་བཅས་ལྕགས་རིགས་མ་འདྲ་བ་གསུམ་ལས་བཟོས་པའི་གྲི་ཧ་ཅང་རྣོ་ཞིང་ལྡེམ་པ་ཆག་རྒྱུ་མེད་པ་ཞིག
|