16672
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྟས་ངན་གཟའ་བཞིའི་ཡ་གྱལ་གྱི་གཟའ་ཞིག་སྟེ། བོད་དབུས་སུ་བཞག་པའི་བྱང་ཕྱོགས་ཀྱི་ནམ་མཁར་འཆར་ཞིང་། འཆར་ཚད་ལ་དུས་ཀྱི་ངེས་པ་མེད་པས་རི་མོའི་ལམ་ནས་རྟོགས་མི་ཐུབ་ལ། གལ་ཏེ་ཤར་ན་ས་དེར་མི་དགེ་བའི་ལྟས་སུ་བཤད། རིགས་ལྡན་སྙིང་ཐིག་ལས། སྒྲ་གཅན་གྱི་ནི་སྤྲུལ་པ་ཡི། །ལྟས་ངན་གཟའ་བཞི་ཞེས་གྲགས་པ། །ཤར་ན་དུ་བ་མཇུག་རིང་དང་། །ལྷོ་ན་སྟག་མགོ་མེ་འབར་དང་། །ནུབ་ན་གཡག་མགོ་རླུང་འཚུབ་སྟེ། །བྱང་ན་ཆུ་ཏིག་སྔོན་པོ་དང་། །གཞན་ཡང་ལྷ་མོ་འཆར་བ་སོགས། །མི་དགེའི་ལྟས་སུ་འཆར་ཞེས་ཟེར། །མཇུག་རིང་མ་གཏོགས་གཞན་རྣམས་ནི། །རི་མོའི་ལམ་ནས་རྟོགས་མི་འགྱུར། །ཞེས་བྱུང་། |
| Domain | རྩིས་རིག |