16716
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་ལུང་རྣམ་འབྱེད་ལས། རུས་པའི་འཕྲུལ་འཁོར་སྤྱིལ་བུ་ལ། །ཆུ་བས་ཡོངས་སུ་དཀྲིས་གྱུར་ཅིང༌། །ཞེས་གསུངས་པ་ལྟར་ལུས་ཀྱི་ལྷུ་ཚིགས་འཛིན་བྱེད་རྒྱུས་པའི་མིང་སྟེ། མགྲིན་པའི་ཆུ་བ་གཉིས་དང༌ལྟག་པའི་ཆུ་བ་གཉིས་ཏེ་སྐེ་ལ་བཞི། གྲུ་མོའི་ཆུ་བ་གཉིས་དང༌མཁྲིག་མའི་ཆུ་བ་གཉིས་ཏེ་ལག་པར་བཞི། སྒྱིད་ཁུང་གི་ཆུ་བ་གཉིས་དང༌། རྟིང་པའི་ཆུ་བ་གཉིས། ནང་ལོང་ཐད་ཀྱི་ཆུ་བ་གཉིས་ཏེ་རྐང་པར་དྲུག སྒལ་ཚིགས་གཡས་གཡོན་གཞུང་རྒྱུད་ཀྱི་ཆུ་བ་གཉིས་བཅས་འདྲིལ་བའི་བཅུ་དྲུག་གི་བསྡུས་མིང༌། |