16753
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲང་དམྱལ་བརྒྱད་ཀྱི་དང་པོ་སྟེ། གྲང་བ་མི་བཟད་པས་ཉེན་པས་ལུས་ལ་ཆུ་བུར་བྱུང་བའི་དམྱལ་གནས་སོ། །དེར་ཚེའི་ཚད་ནི། ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་ཤོང་བ་ཏིལ་གྱིས་ཕྱུར་བུར་བཀང་བའི་ནང་ནས་ལོ་བརྒྱ་ཞིང་ཏིལ་གཅིག་ཕྱུང་བས་ནམ་དེ་ཟད་པར་གྱུར་པ་ཆུ་བུར་ཅན་གྱི་ཚེ་རྫོགས་པ་ཡིན་ནོ། །འོན་ཏེ་ཚེ་ཡོངས་སུ་མ་རྫོགས་པར་བར་མ་དོར་འཆི་བ་ཡོད་དོ། ། |
| Domain | ཆོས་ལུགས། |