16754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་གྱི་ཚེ་ཚད་བརྒྱད་ (1)
Part of speech མིང་ཚིག
Definition ཚེ་མཐའི་མདོ་ལས་བྱུང་བ་སྟེ། ༡ འདི་ལ་ཏིལ་ཡུལ་ཀོ་ས་ལའི་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་པ་ཏིལ་གྱིས་བྱུར་བུར་གང་བར་གྱུར་པ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་འདས་ཤིང་ཏིལ་འབྲུ་གཅིག་བོར་ཏེ། ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚང་ཉི་ཤུ་པ་དེ་ཐབས་འདིས་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཀྱང་། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་མ་ཡིན་པར་ང་སྨྲའོ། ། ༢ ཆུ་བུར་ཅན་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཆུ་བུར་རྡོལ་གྱི་གཅིག་ཡིན། ༣ ཆུ་བར་རྡོལ་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་སོ་ཐམས་ཐམས་ཀྱི་གཅིག་ཡིན། ༤ སོ་ཐམས་ཐམས་ཀྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་གྱི་ཧུད་ཟེར་གྱི་གཅིག་ཡིན། ༥ ཀྱི་ཧུད་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨ་ཆུ་ཟེར་གྱི་གཅིག་ཡིན། ༦ ཨ་ཆུ་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨུཏྤ་ལ་ལྟར་གས་པའི་གཅིག་ཡིན། ༧ ཨུཏྤ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པདྨ་ལྟར་གས་པའི་གཅིག་ཡིན། ༨ པདྨ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པདྨ་ལྟར་གས་པ་ཆེན་པོའི་གཅིག་ཡིན་པའོ། །
Domain ཆོས་ལུགས།