From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆུ་བོ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆུ་ཆེན་པོའི་མིང་སྟེ།
|
| Keyword
|
True
|
| Example
|
ཆུ་བོ་བརྒལ་ནས་སོང། ཆུ་བོའི་ཁུག་མགོ་ལྟ་བུ།
|
| Synonyms
|
ནཱི་ར། ཀླུང་། གཙང་བོ། གྲོང་གི་འཕྲེང་ལྡན་མ། གླིང་ལྡན་མ། རྒྱུ་ལྡན་མ། འབབ་ལྡན། སྒོ་ཀུན་འགྲོ། སྒྲ་སྒྲོག སྒྲོག་ལྡན། སྒྲོག་བྱེད་མ། ལྷུང་ལྷུང་སྒྲ་འབྱིན། ངོགས་ཅན། ངོགས་ལྡན། བཅུད་འཛིན་མ། ཆུ་རྒྱུན། འབབ་ཆུ། འཇིག་རྟེན་ཤིང་རྟ་མ། ཉལ་འགྲོ། འཁྱོག་འགྲོ། གྱ་གྱུར་འགྲོ། འགྱུས་འགྲོ། ཉ་ལྕིབས་ལྡན་མ། ཉ་ལྕིབས་ཅན། ལྟ་བའི་བརྟུལ་ཞུགས་ཅན། ཐུར་བགྲོད། གཞོལ་འགྲོ། གཞོལ་འགྲོ་མ། གཞོལ་འབབ། ཐུར་འབབ། ཐུར་ལྷུང་། དལ་འགྲོ། དལ་འབབ། དལ་རྒྱུ། བགས་ཀྱིས་གཞོལ། དབའ་རླབས་ཅན། མཚོར་འབབ། ཟླ་བའི་ལག་པ། གཡོ་ལྡན། ལུ་མ།
|
ཆུ་བོ་ (2)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་བཞི། གངྒཱ་དང༌། པཀྵུ། སི་ཏཱ། སིནྡྷུ་སྟེ་ཆུ་བོ་ཆེན་པོ་བཞི་མཚོན་པར་བྱས་པའི་ཆ་ནས་མིང་དེ་ལྟར་བཏགས་པར་བཤད།
|
| Type
|
མངོན་བརྗོད།
|
ཆུ་བོ་ (3)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། ཕྲ་རྒྱས་རྣམས་ཏེ། དེ་དག་གིས་འགྲོ་བ་གཞན་དུ་འཁྱེར་བར་བྱེད་པས་ན་ཆུ་བོའོ། །ཡང་ན་ཉོན་མོངས་དེ་དག་ཤུགས་ཆེན་པོ་དང་ལྡན་པའི་ཕྱིར་ཆུ་བོ་དག་སྟེ། དེའི་རྗེས་སུ་འབྱེད་པའི་ཕྱིར་དེ་དག་གིས་དེ་དག་དང་ལྡན་པ་འཁྱེར་བར་འགྱུར་བའི་ཕྱིར་རོ། །དེ་ལ་མ་རིག་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ། སྲིད་པའི་ཆུ་བོ། འདོད་པའི་ཆུ་བོ་སྟེ་བཞིའོ། །
|
| Domain
|
ཆོས་ལུགས།
|