16766

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་བོ་དང་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་པའི་ཆུ་བོ་དང་། སྦྱོར་བ་ཡང་བཤད་དུ་ཡོད་དེ། འདོད་པ་དང་། སྲིད་པ་དང་། མ་རིག་པའི་ཟག་པ་རྣམས་འདོད་པའི་སྦྱོར་བ་ལ་སོགས་པ་ཡིན་པའི་ཕྱིར། དམིགས་བསལ་ནི། ལྟ་བ་རྣམས་ཆུ་བོ་དང་སྦྱོར་བ་ལས་ལོགས་སུ་བསྟན་པ་ཡིན་ཏེ། ཤེས་རབ་ཀྱི་རང་བཞིན་ཡིན་པས་གསལ་བའི་ཕྱིར་ཞེས་གྲགས་སོ། ཟག་པར་ནི་ལོགས་སུ་བསྟན་པ་མ་ཡིན་ཏེ། གྲོགས་མེད་པའི་ལྟ་བ་འབའ་ཞིག་པ་རྣམས་གསལ་བ་སྔ་གྲོགས་དང་བཅས་ན་འདོད་པ་དང་སྲིད་པའི་ཟག་པར་བཀོད་པའི་ཕྱིར།
Domain ཆོས་ལུགས།