16768

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་བོ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མ་རིག་པའི་ཆུ་བོ་དང། ཉོན་མོངས་པའི་ཆུ་བོ་དང། ལས་ཀྱི་ཆུ་བོ་དང། སྡུག་བསྔལ་གྱི་ཆུ་བོ་བཅས་བཞིའོ། །
Domain ཆོས་ལུགས།
ཆུ་བོ་བཞི་ (2)
Part of speech མིང་ཚིག
Definition མ་རིག་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ། སྲིད་པའི་ཆུ་བོ། འདོད་པའི་ཆུ་བོ་སྟེ་བཞིའོ། །
ཆུ་བོ་བཞི་ (3)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། དབང་གི་ཆུ་བོ་བཞི་ནི། ཕྱི་དབང་རྒྱུད་ཀྱི་ཆུ་བོ་དང་། ནང་དབང་འབྱུང་བའི་ཆུ་བོ་དང། སྒྲུབ་དབང་གྲགས་པའི་ཆུ་བོ་དང། གསང་དབང་རྫོགས་པའི་ཆུ་བོ་བཅས་བཞིའོ། །