From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆུ་བོ་རབ་མེད་ (1)
| Part of speech
|
མིང་ཚིག
|
| Definition
|
མི་རྟ་སོགས་བགྲོད་མི་ཐུབ་པའམ་བགྲོད་དཀའ་བའི་ཆུ་བོའི་མིང་སྟེ།
|
| Example
|
ཆུ་བོ་རབ་མེད་ལ་རབ་བཏོད་ཅིང་། དཔེ་མེད་སྲོལ་མེད་ལ་སྲོལ་བཏོད་ལྟ་བུ།
|
ཆུ་བོ་རབ་མེད་ (2)
| Part of speech
|
མིང་ཚིག
|
| Definition
|
ཡི་དྭགས་ཀྱི་མིང་སྟེ། འདིའི་མིག་ལམ་དུ་རྒྱང་རིང་པོར་བཟའ་བ་དང་། བཏུང་བ་ཕུན་སུམ་ཚོགས་པ་མཐོང་བར་སྲེད་པ་སྐྱེས་ནས་དེར་སོང་བ་ན། ཆུ་བོ་ཆེན་པོ་བརྒལ་བའི་རབ་མེད་པས་རེ་བ་ཟད་པའི་མིང་དེ་ལྟར་བཏགས་པར་བཤད།
|
| Type
|
མངོན་བརྗོད།
|
ཆུ་བོ་རབ་མེད་ (3)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ་མཛོད་ནས་བཤད་པའི་ཚ་དམྱལ་བརྒྱད་ཀྱི་ཉེ་འཁོར་དམྱལ་བ་བཞིའི་ནང་གསེས་ཤིག་སྟེ། སྤུ་གྲི་ཅན་གྱི་ཚལ་རྒལ་བ་ན་ཐང་ཆུ་ཁོལ་མས་གང་བ་འགྲམ་ན་སྐྱེས་བུ་མཚོན་ཆ་ཐོགས་པས་བསྲུང་ཞིང་། སྟེང་འོག་སྣམ་ལོགས་གར་འགྲོ་ཡང་བརྡུང་ཞིང་འཚེད་པར་བྱེད་པའི་དམྱལ་བའོ། །དབྱེ་ན་ཚ་དམྱལ་བརྒྱད་ཀྱི་ཉེ་འཁོར་ཡོད་པས་བརྒྱད་དོ། །
|
| Domain
|
ཆོས་ལུགས།
|