16774

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་བོ་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གདུལ་བྱའི་དོན་སྒྲུབ་པ་ལ་དུས་ཀུན་ཏུ་འདུན་པ་ཉམས་པ་མི་མངའ་བའི་སེམས་བསྐྱེད་ཁྱད་པར་ཅན་ཞིག་ལ་ཆུ་བོའི་རྒྱུན་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་ཆུ་བོའི་རྒྱུན་ལྟ་བུ་ཡིན་ཏེ། གདུལ་བྱ་ཐུན་མོང་དུ་འདུལ་བའི་ནུས་པ་ཐོབ་པས་གཞན་གྱི་དོན་བྱ་བ་ཐ་མི་དད་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་སངས་རྒྱས་ས་དངོས་གཞིིའི་བསྡུས་པར་འདོད་དོ། །
Domain ཆོས་ལུགས།