16777

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་བོའི་རྒྱུན་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཉམ་རྗེས་ཡུལ་ལ་འཇུག་ཚུལ་རྣམ་པར་མི་རྟོག་པའི་རྣམ་པར་གཅིག་པས་ན་བགྲོད་པ་གཅིག་པའི་ལམ་མཐར་ཐུག་པ་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། ཆུ་བོའི་རྒྱུན་ལྟ་བུ་ཡིན་ཏེ། གཞན་དོན་ལྷུན་གྲུབ་རྒྱུན་མི་ཆད་དུ་འབྱུང་བའི་ཕྱིར། འདི་བགྲོད་པ་གཅིག་པའི་ལམ་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས། བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། ཆུ་བོའི་རྒྱུན་ལྟ་བུ་སྟེ། ཐབས་ཤེས་གཉིས་ཀྱིས་གཞན་གྱི་དོན་བྱ་བ་ཐ་མི་དད་པས་སོ། །བགྲོད་པ་གཅིག་པ་ནི། རང་དོན་དང་གཞན་དོན་ཐ་མི་དད་དུ་འཇུག་པའམ། མཉམ་རྗེས་དམིགས་རྣམ་མཚུངས་པར་འཇུག་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།