16779
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུ་བྱའི་བྱེ་བྲག་ཅིག་སྟེ། གཟུགས་ཆེ་ཆུང་ཕུག་རོན་ལས་བོང་ཆུང་ཞིང་མགྲིན་པ་ཕྲ་ལ་ཅུང་ཟད་རིང་བ་དང་། མཆུ་དམར་པོ་རིང་ཞིང་ལྕགས་གཟེར་གྱི་དབྱིབས་འདྲའི་རྩེ་ནག་པོ་ཡིན། མིག་སྔོ་ལྗང་སྒོར་ལ་ཆུང་བའི་མཐའ་ཁམ་སྐྱ་ཡིན་ཞིང་། ཨོལ་མའི་འོག་ནས་བྲང་གཞུང་གསུམ་པ་བཅས་ཀྱི་སྤུ་དཀར་པོ་ལ་ནག་ཐིག་ཆུང་ཆུང་ཡོད་པ། གཤོག་སྒྲོ་ཆེ་ཆུང་ཐམས་ཅད་སྨུག་སྐྱ་ལ་ཐིག་དཀར་པོས་ཁྱད་པ། མཇུག་སྒྲོ་དཀར་པོའི་སྟེང་དུ་སེར་ཁྲ་ཅན་གྱི་ཐིག་ཡོད། རྐང་པ་དམར་པོ་ཕྲ་ལ་རིང་བའི་མཛུབ་མོ་སྔོ་ལྗང་ལ་སྡེར་མོ་ནག་པོ་རིང་བ་ཡོད། རྒྱུན་དུ་འཚོ་གནས་ཡུལ་ཆུ་བོ་དང་འདམ་གྱི་འགྲམ་དུ་ཡིན། ཕོ་མོ་གཉིས་རེའམ་གཅིག་བྱས་ནས་རྒྱུ་བ་དང་ཟས་སུ་ཉ་ཕྲུག་དང་ཆུ་ནང་གི་སྲིན་བུ་རྣམས་ཟ། བྱ་རིགས་གཞན་གྱི་མཚང་དུ་སྒོ་ང་གཏོང་བ་ཡིན་ནོ། ། |