16807
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ཆུ་རྟ་ཕྱི་ལོ་ ༡༤༠༢ ལོར་ས་སྐྱར་ཡབ་སློབ་དཔོན་གྲགས་པ་བློ་གྲོས་དང་། ཡུམ་མ་གཅིག་བླ་བྲག་དཀར་མ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། ངོར་ཨེ་ཝམ་ཆོས་ལྡན་དུ་ཡུན་རིང་བཞུགས། ཡབ་མེས་ཀྱི་ཆོས་དང་། མདོ་སྔགས་རིག་གནས་དང་བཅས་པར་ཐུགས་གཉེར་མཛད། ཆུ་མིག་སོགས་སུ་འགྲིམས་ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། འདི་ཡན་ཆད་ཀྱིས་གཞི་ཐོག་བླ་བྲང་པའི་གདུང་རབས་རྫོགས། བདག་ཆེན་འདི་ཉིད་དགུང་ལོ་དྲུག་ཅུ་ཙམ་ལ་གཤེགས་པར་སེམས། འདས་ལོ་མི་གསལ། |