16820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ཚན་རིང་བསྲེལ་ (1)
Part of speech མིང་ཚིག
Definition འབྱུང་ཁུངས་ནི་སའི་གཏིང་རྔམས་ཟབ་པོ་ནས་འོང་བའི་ཆུ་ཚན་དེས་ས་འོག་གི་གཏེར་ངོས་སྣ་ཚོགས་དང༌། ཁྱད་པར་དེ་མཐུན་གྱི་གྲུབ་ཆ་དེ་ཉིད་འགུལ་སྐྱོད་དམ་ཤུགས་ཀྱིས་གོང་བུར་འགྲིལ་བ་ལས་བྱུང་། གཞན་ཡང་གཏེར་རྫས་རིག་པ་སྨྲ་བས་ར་སྤྲོད་བྱས་པར་གཞིགས་ན་འདི་ནི་ཆུ་ཚན་གྱི་འབྱུང་ཁུངས་ནང་གངས་ཐིག་དང༌། ཅུ་གང༌། རྡོ་ཞོ་གསུམ་འདུས་པ་ལས་ཆུ་ཚན་ཁོལ་བའི་ཤུགས་ཀྱིས་རིལ་བུ་བསྒྲིལ་བ་ལྟ་བུར་ཆགས་ནས་ཡར་འཕྱུར་བ་ལས་བྱུང་བར་བཤད། དབྱིབས་སྣ་ཚོགས་མཆིས་ཀྱང་མང་ཆེ་བ་ཟླུམ་རིལ་ཡིན། ཆེ་ཆུང་ཅི་རིགས་ལས་ཕལ་ཆེར་ནས་འབྲུ་དང་ཡུངས་ཀར་གྱི་འབྲུ་ཙམ་པ། ཁ་དོག་ཤིན་ཏུ་དཀར་པོ་འཇམ་ཞིང་འོད་འཚེར་བ། ངོ་བོ་སྲ་ལ་མཁྲེགས་པ་འགའ་ཞིག་གི་དཀྱིལ་དུ་རྡོ་གཞན་གྱི་ཆག་རོ་ཡོད་པ། ཕལ་ཆེར་གྱིས་གངས་རིའི་འཕེལ་གདུང་སོགས་ཟེར་བ་འདི་ནི་ཤེལ་ཕྲེང་དུ། ཆུ་ཚན་གྱི་ལྦུག་སོགས་སུ་ཆུ་ལས་བྱུང་བའི་དབང་རིལ་འོད་ཟེར་འཕྲོ་བ་འབྱུང་བར་བཤད་པ་དེའོ། །རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བའོ། །ངོ་བོའི་ནུས་པས་བཅུད་ལེན་དང་རུས་པར་གས་ཆག་ཤོར་བ་སྦྱོར་ཞིང༌། ལྷ་བ་འཛིན་ལ་ཁྱད་པར་གདོན་ནད་ཐམས་ཅད་སེལ་བར་བྱེད་པའོ། །