16873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ཡན་ལག་བརྒྱད་ལྡན་ (1)
Part of speech མིང་ཚིག
Definition ཡོན་ཏན་བརྒྱད་དང་ལྡན་པའི་ཆུ་བཟང༌པོའི་མིང་སྟེ། མདོ་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་པ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་བར་མི་གནོད་ཅིང། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་གསུངས་པ་ལྟར། དྲི་དང་ལྷན་ཅིག་མི་གནས་པ་གཙང་བ། འདམ་གྱི་རྙོག་མ་མེད་པས་དྭངས་པ། ངར་དང་ལྡན་པས་བསིལ་བ། འཐུང་ན་ཟུག་རྔུ་མེད་པས་འཇམ་པ། བཟང་པོའི་ངད་དང་ལྡན་པས་བསུང་བ། གདུང་བ་སེལ་བར་བྱེད་པས་ངོམ་པ། ལུས་ལ་ཕན་པས་བདེ་བར་གནས་པ་བཅས་སོ། །