1691
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྣོད་མཁྲིས་ཀྱི་སྙིགས་མ་ལས་བྱུང་བའི་གཅིན་ནང་འདྲེས་པའི་ཟགས་རྫས་ཕྲ་མོ་ཞིག་གི་མིང་སྟེ། མིའི་གཅིན་གྱི་སྙོག་ཆའི་མིང་ནད་ཅན་ནད་མེད་གང་གི་དྲི་ཆུའི་ནང་དུ་འབྱུང་ཞིང་ཆུའི་རང་མདོག་གིས་བསྒྱུར་མི་བཏུབ་པ་ལྦུ་བའི་དབྱིབས་ལྟར་ཆེ་ཆུང་སྲོ་མ་ཙམ་སོགས་མདོག་ཤས་ཆེར་སྐྱ་ཞིབ་ཞིབ་ཏུ་ཆུ་ཡི་སྟེང་འོག་བར་བཅས་ལ་གནས་ལ། ནང་གསེས་སུ་དབྱེ་ན་དབྱིབས་མ་ངེས་པ་སྤུ་དང༌། བལ་འདབ། སྤྲིན་འདྲ་བ་སོགས་དང༌། མདོག་ཀྱང་ནད་ཁམས་ཀྱི་དབང་གིས་སྣ་ཚོགས་སྣང་སྟེ། རྗེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཀོང་པོ་བདེ་རྒྱལ་ལ་གདམས་པ་གསུངས་སྐབས། ཆུ་ནི་འཇའ་ཚོན་གྱི་རི་མོ་འདྲ། མིག་གི་མཐོང་ཡང་བརྟག་ཐབས་དཀའ། ཀུ་ཡ་མཐུག་ན་ཚ་བ་ཡིན། བུ་གནད་ཀྱི་གདམས་པ་འདི་ལོངས་ལ། རྫུན་གྱི་རྐྱལ་པ་མ་གཏིབ་མཛོད། ཅེས་གསུངས་པ་ལྟར་རོ། ། |
| Domain | གསོ་རིག |