16916
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | པཱ་ཅེ་ཀུ་ཞེས་པའི་ས་ཆར་འཁྲུངས། འཁྲུངས་ལོ་མི་གསལ། བདུན་པར་སྐུ་འབུམ་དུ་གདན་སར་བཀོད། ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་། བཅུ་དྲུག་པར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། རྣམ་འགྲེལ་དང་། ཕར་ཕྱིན་སོགས་ལ་ཐུགས་གཉེར་མཛད། རིགས་ཆེ་ཆུང་གི་ཚོགས་ལངས་དང་། ཕར་ཕྱིན་དམ་བཅའ་བཞག ཉེར་ལྔ་བར་ཁྲི་ཟུར་འཇམ་དབྱངས་དམ་ཆོས་ལས་དགེ་ཚུལ་སློང་གི་སྡོམ་པ་བཞེས། རང་ཡུལ་དུ་ཕེབས། སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་དང་། རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། རྒྱུ་ཕར་ཕྱིན་དང་། འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པ་ཟུང་གི་དགོངས་དོན་མཐའ་དག་ལ་སློབ་སྦྱོང་མཛད། རབ་བྱུང་བཅོ་ལྔ་པའི་ས་ཡོས་ཕྱི་ལོ ༡༨༧༩ ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། རྒྱུད་པ་མཁན་པོའི་ཁྲིར་བཞུགས། འདུ་ཁང་གཞི་ནས་བཞེངས། ཚོན་རྩི་སྤེན་རྒྱན་སོགས་གསར་བསྐྲུན་མཛད། ཁྲི་ཟུར་རྗེས་བཱ་ཡན་སྨད་ཐའི་དགོན་པར་བཞུགས། འདས་ལོ་མི་གསལ། སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉེར་ལྔ་བ་དང་། རྒྱུད་པ་མཁན་པོའི་ཁྲི་རབས་རེ་གཉིས་པ་ཡིན། |