16932

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་རྒྱུན་བཟློག་པའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་དོན་གསུམ་པར་བསླབ་པའི་མཐའ་བཅུ་ལས། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་འཆད་སྐབས་མཚན་བཅས་ཏིང་ངེ་འཛིན་དུ་གཏོགས་པར་གསུངས། གཟི་ལྡན་འཆར་ཁའི་འོད་སྣང་ལས། རྣལ་འབྱོར་པས་ཕྱག་གི་སྡིགས་པའི་མཛུབ་མོ་ལ་ཉི་མའི་དཀྱིལ་འཁོར་འོད་འབར་བ་རེ་བསམས་པ་ལས། དེའི་ཟེར་ལས་ཉི་མ་འབུམ་ཕྲག་མང་པོ་འཕྲོས་པས། ཕྱི་བསྐལ་པའི་མུན་པ་དང་ནང་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་འབྱུང་བའི་ཆུ་བོའི་རྒྱུན་དང་འཁོར་བའི་ཆུ་རྒྱུན་ཟློག་སྟེ་དོན་མཆོག་གསལ་བར་བྱེད་པའོ། །ཞེས་གསུངས།
Domain ཆོས་ལུགས།