16949

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་རྩི་དམར་པོ་ (1)
Part of speech མིང་ཚིག
Definition སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང༌། སྡོང་པོ་ཁོང་སྟོང་དམར་སྐྱ་ཚིགས་པ་ཡོད་པ། ལོ་མ་རལ་གྲིའི་དབྱིབས་ཅན་མཐའ་འཁོར་སོག་ལེ་ཁ་འདྲ་བ། སྡོང་པོའི་ཚིགས་མཚམས་ནས་ཕན་ཚུན་ཁ་གཏད་དུ་སྐྱེ་བའི་ལོ་མའི་འདབས་འོག་ནས་མེ་ཏོག་ཟང་དམར་སྙེ་མའི་བང་རིམ་ཅན་འཆར་ཞིང༌། ཡལ་རྗེས་དམར་སྨུག་མདོག་ཅན་གྱི་འབྲས་བུ་སྨིན་པ། བོད་ཟླ་བདུན་པའི་ནང་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་སྐྱུར་བ། ཞུ་རྗེས་སྐྱུར་བ། ནུས་པ་བསིལ་བས་ཚ་བའི་ནད་རིགས་དང་རྨ་རིགས་སོགས་ལ་ཕན།