From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆུ་ལ་རྩེ་བའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
|
ཆུ་ལ་རྩེ་བའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་བཅུ་བདུན་སྡེས་ཆུ་ལ་རྩེ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྒོད་བག་ལ་ཆགས་པ་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འཇིག་རྟེན་ལ་གྲགས་པའི་ཆུ་ལྟེ་བ་ནུབ་པའི་ཚད་དུ་ཆོག་པ་ལ་རྩེ་འམ་རྩེར་འཇུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། ཆུའི་ཡུལ་ལ་རྩེ་བའི་རྗེས་སུ་སྒྲུབ་ནའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་རྒོད་བག་གི་བསམ་པས་ཆུ་ལ་རྩེ་མོ་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་སོ། །
|
| Domain
|
ཆོས་ལུགས།
|