16962

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ལ་སྲོག་ཆགས་ཡོད་མེད་བརྟགས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཆུ་ལ་སྲོག་ཆགས་ཡོད་མེད་བརྟགས་པ་ཡང་རྣམ་པ་བཞིར་ཤེས་པར་བྱ་སྟེ། པཎ་ཆེན་འདུལ་བ་ལས། གང་ལ་བརྟགས་པའི་གཞིའི་དབང་དུ་བྱས་ན་ཆུ་མི་གཡོ་ཞིང་རྙོགས་པ་མེད་པ། སྣོད་གང་དུ་བརྟགས་པའི་དབང་དུ་བྱས་ན་ཉ་ཕྱིས་ལྟ་བུའི་གསལ་བའི་ནང་དུ། གང་ཟག་གང་གིས་བརྟགས་པའི་དབང་དུ་བྱས་ན་དགེ་སློང་སྙིང་རྗེ་ཅན་གྱིས། མིག་གང་གིས་ལྟ་བའི་དབང་དུ་བྱས་ན་ཐ་མལ་པའི་མིག་གིས། ཚུལ་ཇི་ལྟར་དུ་བརྟགས་པའི་དབང་དུ་བྱས་ན་ཆུའི་སྟེང་དང་བར་དང་གཏིང་རྣམས་རིམ་པ་བཞིན་དུ། ཚད་ཇི་ཙམ་བརྟགས་པའི་དབང་དུ་བྱས་ན་འདོམ་གང་གི་ཁོར་ཡུག་ཏུ། ཡུན་གྱི་དབང་དུ་བྱས་ན་མེད་པར་ཡིད་ཆེས་ཀྱི་བར་དུ། ལོངས་སྤྱོད་པའི་དུས་ཀྱི་དབང་དུ་བྱས་ན་ལན་གཅིག་བརྟགས་པ་ནས་ཕྱི་དེའི་ཉི་མ་འཆར་ཀ་ཚུན་ཆད་དུ་ལོངས་སྤྱོད་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།