16978

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ལྡུམ་ཨོག་དཀར་ (1)
Part of speech མིང་ཚིག
Definition སྟོང་རི་ཟིལ་པའི་མིང་གི་རྣམ་གྲངས་ཤིག་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ལས། ཐུན་གཅིག་གབ་རྩེ་སྟོང་རི་ཞེས། རིན་ཐང་རྗེ་ཡིས་བཅད་པའི་ཕྱིར། སྟོང་རི་མིང་དུ་གྲགས་པ་ཡིན། འདི་སྐྱེས་གཅིག་ཏུ་མ་ངེས་ཏེ། རྒྱ་གར་ཡུལ་དུ་སྐྱེས་ཙ་ན། བསིལ་སྨན་ཟིལ་པ་ཅན་དུ་གྲགས། རྒྱ་ནག་ཡུལ་དུ་སྐྱེས་ཙ་ན། ཚད་སྨན་རླངས་པ་ཅན་དུ་གྲགས། བོད་ཀྱི་ཡུལ་དུ་སྐྱེས་ཙ་ན། གླང་པོ་སྣ་ལྗགས་ཞེས་ཀྱང་བྱ། ལྡུམ་བུ་རྨ་བྱ་ཞེས་ཀྱང་བྱ། བློན་པོ་ཆུ་ཟིལ་ཞེས་ཀྱང་བྱ། ཁྲ་བོ་སྟག་རིས་ཞེས་ཀྱང་བྱ། ཆུ་ལྡུམ་ཨོག་དཀར་ཞེས་ཀྱང་བྱ། རྩ་སྨན་བཅད་འབྱོར་ཞེས་ཀྱང་བྱ། གངས་སྦྲུལ་དཀར་པོ་ཞེས་ཀྱང་བྱ། གངས་ལ་ཟིལ་ཆུང་ཞེས་ཀྱང་བྱ། གཡའ་ཡི་སྔོན་པོ་ཞེས་ཀྱང་བྱ། ཀླུ་བདུད་ནག་པོ་ཞེས་ཀྱང་བྱ། ལྷོག་དུག་ནག་པོ་ཞེས་ཀྱང་བྱ། ཁ་ལ་རེག་ཆོད་ཅེས་ཀྱང་བྱ། ཁྱི་དུག་སྨན་གཅིག་ཅེས་ཀྱང་བྱ། ཞེས་གསུངས་ལྟར་རོ། །