16998
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་ལ་རྩ་ཕྲན་ཐར་ཐོར་ཡོད་པ། གསར་སྐྱེས་ལ་སྡོང་པོ་མེད་ཅིང་ལོ་ཤས་སོང་རྗེས་སྡོང་པོ་སྔོ་ལྗང་སྙུལ་རིལ་དབྱིབས་ཅན་གྱི་ཁོང་གསོབ་ཅིང་ཚིགས་ཡོད་ལ་ཡལ་ག་མེད་པ། རྒས་ཚེ་དམར་སྨུག་ཏུ་གྱུར་པ་ཁ་ཤས་དྲང་པོར་སྐྱེ་ལ། ལོ་མ་སྔོ་ལྗང་འཇམ་ལ་སྣུམ་པ་སྒོར་ནར་ཅུང་ཟད་ཆེ་བའི་མཐའ་མཉམ་ཞིང་ངར་པ་རིང་བའི་རྟིང་པར་འབྱར་ཚི་ཡོད་པས་སྡོང་པོ་བཏུམ་སྟེ་གནས། མེ་ཏོག་དང་འབྲས་བུ་ནི་ཆེ་ཆུང་ཙམ་མ་གཏོགས་ཤོ་མང་གཞན་དང་མཚུངས། བོད་ཟླ་བརྒྱད་པའི་ནང་རྩ་བ་བཏུས་ཏེ་གཙང་མར་བཀྲུས་རྗེས་གཏུབ་ནས་བསྐམས་ཐོག་སྨན་དུ་སྤྱོད་རྒྱུ། རོ་སྐྱུར་ལ་ཁ་བ། ཞུ་རྗེས་སྐྱུར་བ། ནུས་པ་འཇམ་ལ་བསིལ་བས་གཉན་ནད་འཇོམས་ཤིང་རྨ་དང་དུག་ནད་ཤུ་ཐོར་སོགས་སེལ་བར་བྱེད་པ་ཡིན། |