17047

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་སྟོད་ཟླ་བ་ (1)
Part of speech མིང་ཚིག
Definition ཉ་སྐར་ལ་བརྟེན་ནས་བཏགས་པའི་འཕགས་ཡུལ་དང་ཤམ་བྷ་ལའི་ལུགས་ཀྱི་ཟླ་མིང་ཞིག་སྟེ། ཡར་ཚེས་བཅོ་ལྔའི་མཚན་མོར་ཉ་རྒྱས་ཟླ་བ་དང་ལྷན་དུ་ནམ་སྐྱེལ་བའི་སྐར་མ་ནི་ཆུ་སྟོད་ཡིན་པའི་ཚེས་ཟླ་དེའི་མིང་གི་ཐ་སྙད་ཡིན། ཟླ་བ་དེ་ནི་ཧོར་ཟླ་ལྔ་བའི་ཚེས་བཅུ་དྲུག་ནས་བཅོ་ལྔ་བར་ཡིན་ཡང་རྒྱུན་སྤྱོད་ལྟར་ན་ཧོར་ཟླ་དྲུག་པའི་ཚེས་གཅིག་ནས་སུམ་ཅུའི་བར་ལ་ངོས་འཛིན་བྱེད་ཅིང་། དེ་ལུགས་གཞན་དང་ལྟོ་སྦྱར་ན་འབྱུང་རྩིས་པའི་ལུགས་ཀྱི་བྱ་ཟླ་སྟེ་སྟོན་འབྲིང་དང་། རྟེན་འབྲེལ་པའི་ལུགས་ཀྱི་དབྱར་ཟླ་འབྲིང་པོ། ཉི་མ་གང་དུ་གནས་པའི་ཁྱིམ་གྱི་ཆ་ནས་བཏགས་པའི་ཀརྐཊའི་ཁྱིམ་ཟླ་བཅས་ཡིན།
Domain རྩིས་རིག

{{#arraymap:ཆུ་སྟོད་ཟླ་བ་

|; |@@@ | | }}