17061
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ལྟ་བ་མིན་པའི་འདོད་པའི་ཟག་པ་ཉེར་དགུ་ནི་འདོད་པའི་ཆུ་བོ་དང་སྦྱོར་བ་དང་། ཉེར་བརྒྱད་ནི་སྲེད་པའི་ཆུ་སྦྱོར་དང་། ཁམས་གསུམ་ན་མཐོང་སྤང་རིས་བཞིའི་ལྟ་བ་བཅུ་བཞི་རེ་སྟེ་སོ་དྲུག་ནི་ལྟ་བའི་ཆུ་བོ་དང་སྦྱོར་བ་དང་། ཁམས་གསུམ་གྱི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཆུ་བོ་དང་སྦྱོར་བའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། འདོད་པའི་ཆུ་བོ་རྫས་ཉི་ཤུ་རྩ་དགུ་དང་། སྲིད་པའི་ཆུ་བོ་ཉི་ཤུ་རྩ་བརྒྱད་དང་། ལྟ་བའི་ཆུ་བོ་སུམ་ཅུ་སོ་དྲུག་ཏུ་འགྱུར་རོ། །མ་རིག་པ་བཅོ་ལྔ་ནི་རྩ་བ་ཡིན་པས་མ་རིག་པའི་ཆུ་བོ་སྟེ་སྦྱོར་བ་ལའང་དེ་བཞིན་དུ་སྦྱར་རོ། །སློབ་དཔོན་ནི་མདོ་ལས། འདོད་པའི་སྦྱོར་བ་གང་ཞེ་ན་འདོད་པ་ལ་འདོད་ཆགས་པ་དང་འདོད་པ་ལ་འདུན་པ་དང་ཞེས་པ་ལ་སོགས་པ་དང་། ལྟ་བའི་སྦྱོར་བ་གང་ཞེ་ན་ལྟ་བ་ལ་འདུན་པ་དང་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་འདོད་པ་དང་ལྟ་བ་ལ་འདུན་པའི་འདོད་ཆགས་ཉིད་འདོད་པའི་སྦྱོར་བ་དང་ལྟ་བའི་སྦྱོར་བར་གསུངས་ལ། འདོད་པ་ཉེར་ལེན་ལ་དགོངས་ནས་མདོ་གཞན་ལས་ཉེ་བར་ལེན་པ་གང་ཞེ་ན། འདི་ལ་འདུན་པའི་འདོད་ཆགས་གང་ཡིན་པའོ་ཞེས་བཤད་དོ་ཞེས་གསུང་ངོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཆུ་སྦྱོར་
|; |@@@ | | }}