17151
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། མངོན་པ་མཛོད་ལས་བཤད་པའི་མི་མཇེད་འཇིག་རྟེན་ཁམས་ཀྱི་རྟེན་གྱི་དཀྱིལ་འཁོར་གསུམ་གྱི་ཡ་གྱལ་ཞིག་སྟེ། སེམས་ཅན་རྣམས་ཀྱི་ལས་དག་གིས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ནམ་མཁའ་ལ་སྤྲིན་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བ་འཁྲིགས་པ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབ་པ་དེ་ཆུའི་དཀྱིལ་འཁོར་ཆགས་ཏེ་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་དང་། རྒྱའི་ཤར་ནུབ་ཀྱི་ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་སོ། །ཁོར་ཡུག་ཏུ་ནི་ཟླུམ་པོ་ཡིན་པས་སུམ་འགྱུར་རོ། །དེ་ཙ་ན་དཔག་ཚད་ས་ལ་ཕྲག་གསུམ་དང་འབུམ་ཕྲག་དྲུག་ཁྲི་སུམ་བརྒྱ་ལྔ་བཅུའོ། །ཆུ་དེ་ཐད་ཀར་མི་བོ་བ་ནི་ལས་ཀྱི་དབང་གིས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཆུའི་དཀྱིལ་འཁོར་
|; |@@@ | | }}