17158

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུའི་མཚོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མངོན་པ་མཛོད་ལས་བཤད་པའི་རོལ་མཚོ་བདུན་གྱི་ནང་གསེས་གཉིས་པ་སྟེ། གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན་བར་གྱི་རོལ་མཚོའོ། །དེའི་ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་རོལ་མཚོ་གཞན་དང་མཚུངས་ཤིང་། ཁ་ཞེང་དང་པོའི་ཕྱེད་དེ་བཞི་ཁྲིའོ། །དེ་ཡང་ངོས་ལ་ནི་གཤོལ་མདའ་འཛིན་གྱི་འགྲམ་ནས་བགྲངས་ན་ངོས་སུམ་འགྱུར་ཏེ། དཔག་ཚད་གཅིག་འབུམ་ཉིས་ཁྲིའོ། །ནང་གི་རྒྱ་མཚོ་ཡིན་ཏེ་ནང་ཁོ་ནར་ངེས་པའི་ཕྱིར་དང་། གཟའ་སྐར་ལ་སོགས་པའི་གཟུགས་བརྙན་འཆར་བ་དང་། ཆུའི་གཏེར་ཡིན་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:ཆུའི་མཚོ་

|; |@@@ | | }}