From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆེ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ཆེན་པོའི་བསྡུས་ཚིག་སྟེ། བོངས་ཚོད་དང་རྒྱ་ཁྱོན་སོགས་ལྟོས་འཇོག་གིས་གཞན་ལས་མང་ཙམ་ཟིན་པའི་དོན་ཏེ།
|
| Keyword
|
True
|
| Example
|
རྡོ་ཆེ་ཆུང་གཉིས་ཀ་ཁུར། ས་ཆེ་ཆུང་གཉིས་ཀར་སོང་ལྟ་བུ།
|
| Antonyms
|
ཆུང་།
|
ཆེ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
ལོ་ན་མཐོ་བའམ་གྲངས་ཀ་མང་བའི་དོན་ཏེ།
|
| Example
|
བཤེས་གཉེན་དམ་པ་ཁོང་དགོངས་ལོ་ཆེ། ལོ་ན་ཆེ་སྐབས་ན་རྒྱུ་མང་ལྟ་བུ།
|
| Antonyms
|
ཆུང་།
|
ཆེ་ (3)
| Part of speech
|
རྒྱན་ཚིག
|
| Definition
|
གཞན་དང་མི་འདྲ་ཞིང་ཁྱད་དུ་འཕགས་པའི་དོན་ཏེ།
|
| Example
|
བཀྲ་ཤིས་ལ་རིག་སྟོབས་ཆེ། ཚེ་རིང་ལ་སྟོབས་འབྱོར་ཆེ། དོན་གྲུབ་ལ་ཤེད་ཤུགས་ཆེ་ལྟ་བུ།
|
| Antonyms
|
ཆུང་།
|