17220

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆེ་བ་ (1)
Part of speech རྒྱན་ཚིག
Definition ཆེན་པོ་ཡི་བསྡུར་རིམ་གཉིས་པ། བོངས་ཚོད་དང་རྒྱ་ཁྱོན་སོགས་ལྟོས་འཇོག་གིས་གཞན་ལས་མང་ཙམ་ཟིན་པའི་དོན།
Keyword True
Example ཁང་མིག་འདི་ལས་དེ་ཆེ་བ་ཡོད། གདན་ཆེ་བ་ཞིག་ཉོ་དགོས་ལྟ་བུ།
Antonyms ཆུང་བ།
ཆེ་བ་ (2)
Part of speech རྒྱན་ཚིག
Definition ལོ་ཚོད་ཅུང་མཐོ་བའི་དོན།
Example ཨ་མ་ལས་ཨ་ཕ་ལོ་ཆེ་བ་ཡིན་ལྟ་བུ།
Antonyms ཆུང་བ།
ཆེ་བ་ (3)
Part of speech རྒྱན་ཚིག
Definition ཡོན་ཏན་དང་གོ་གནས་སོགས་ཁྱད་དུ་འཕགས་པའི་དོན།
Example དཔོན་པོ་ཆེ་བ་ཞིག་སླེབས་སོང་ལྟ་བུ།
Antonyms ཆུང་བ།