17221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆེ་བ་ཉི་ཤུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་འགྲེལ་མུན་པའི་གོ་ཆ་ལས། ཡོན་ཏན་གྱི་ཆེ་བ་སྤྱོམ་པའི་ཕྱིར་ཆེ་བ་ཉི་ཤུ་སྟེ་གཉེན་པོ་མེད་པའི་ཆེ་བ་དང༌། འགྲན་ཟླ་མེད་པའི་ཆེ་བ་དང༌། ཁྱད་པར་འཕགས་པའི་ཆེ་བ་དང༌། ཆེ་བཙན་གཅིག་པུའི་ཆེ་བ་དང༌། ཚམ་ངམ་རླབས་ཀྱི་ཆེ་བ་དང༌། རྨད་དུ་བྱུང་བའི་ཆེ་བ་དང༌། ཐམས་ཅད་དུ་མ་ཕམ་པའི་ཆེ་བ་དང༌། མངའ་དབང་རྫོགས་པའི་ཆེ་བ་དང༌། ཀུན་ནས་རྒྱལ་བའི་ཆེ་བ་དང༌། ཡོངས་སུ་མི་ནུབ་པའི་ཆེ་བ་སྟེ་དོན་ཕ་རོལ་ཏུ་ཕྱིན་པ་ཐུན་མོང་མ་ཡིན་པ་བཅུ་དང་རྟགས་བཅུ་སྟེ། ཡེ་ཤེས་ཀྱི་རྡོ་རྗེ་དང༌། བཟོད་པའི་བྷནྡྷ་དང༌། སྟོབས་ཀྱི་ཁ་ཊྭཱཾ་ག་དང༌། སྨོན་ལམ་གྱི་ཞིང་ཆེན་དང༌། ཐབས་ཀྱི་ཐོང་གཤོལ་དང༌། ཤེས་རབ་ཀྱི་རྔ་དང༌། ཚུལ་ཁྲིམས་ཀྱི་པདྨ་དང༌། བསམ་གཏན་གྱི་འཁོར་ལོ་དང༌། བརྩོན་འགྲུས་ཀྱི་རལ་གྲི་དང༌། སྦྱིན་པའི་རིན་པོ་ཆེ་སྟེ། གོ་རིམས་སུ་སྦྱར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཆེ་བ་ཉི་ཤུ་

|; |@@@ | | }}