17225
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་རྒྱུད་ཉིད་བསྟན་པ་གཞན་ལས་འཕགས་པར་བསྟན་པའི་ཆེ་བ་བདུན་ཏེ། ཐེག་པའི་ཡང་རྩེ་ཡིན་པའི་ཆེ་བ། མན་ངག་གི་རྩ་བ་ཡིན་པའི་ཆེ་བ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཆེ་བ། ལུང་གི་སྤྱི་འགྲེལ་ཡིན་པའི་ཆེ་བ། དོན་གྱི་མཇུག་སྡུད་ཡིན་པའི་ཆེ་བ། ཆོས་ཀྱི་མེ་ལོང་ཡིན་པའི་ཆེ་བ། བསྟན་པའི་འབྱུང་གནས་ཡིན་པའི་ཆེ་བ་དང་བདུན་ནོ། །བདུན་པོ་འདི་དག་རྒྱུད་དེའི་ལེའུ་མཐའ་མར་འཁོར་རྣམས་ཀྱིས་རྒྱུད་འདི་བསྟན་པ་གཞན་ལས་ཆེ་བར་འཕགས་པའི་སྒོ་ནས་བསྟོད་པ་ཞིག་ཡིན། |
Domain | ཆོས་ལུགས། |
{{#arraymap:ཆེ་བ་བདུན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ་དགོངས་པ་འདུས་པ་ལེའུ་རེ་དྲུག་པར་མཚན་གྱི་རྣམ་གྲངས་བདུན་སོ་སོར་གཏན་ཚིགས་བདུན་སྦྲགས་ནས་བསྟན་པའི་གཏན་ཚིགས་བདུན་པོོར། ཁོག་དབུབ་ཉི་སྣང་ལས་ཆེ་བ་བདུན་དུ་གསུངས་འདུག སྐབས་དེའི་གཏན་ཚིགས་བདུན་ནི་རྒྱུད་དེ་ཉིད་ལས། དགོངས་པ་དེ་ཉིད་ལས་མི་མངའ་བ་དང༌། གང་གི་སྤྱོད་ཡུལ་མ་ཡིན་ཞིང་མེད་པ་ལ་ཐམས་ཅད་འབྱུང་བ་དང༌། གང་གི་ཡེ་ཤེས་ཡོངས་སུ་བཀོད་པ་དང་། འདི་ལྟར་གང་ངེས་པ་རྣལ་འབྱོར་དུ་ལུང་སྟོན་པ་དང་། འདིར་ཀུན་ཆུབ་པ་དང༌། དམ་པ་རྣམས་ཀྱི་མངོན་པར་ཆུད་པ་དང༌། གང་ལ་མ་འདྲེས་པར་བཀོད་པ་དང༌། གནས་སྐབས་བཅུ་གཉིས་སུ་ངེས་པར་འབྱུང་ཞིང་འབྱུང་བའི་ཕྱིར་རོ། །ཞེས་གསུངས། |
{{#arraymap:ཆེ་བ་བདུན་
|; |@@@ | | }}