17252
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། དམ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འོས་པའི་ཁྲི་གདན་གྱི་རིགས་ཤིག་སྟེ། ཀུན་འབྱུང་ལས། ཆེ་འདོད་མལ་ཆེན་ནི། ས་ཤིང་སྤང་བསྟོ༷ད་རིན་ཆེན་སྤངས། དར་ཟབ་མན་རས་ཤེས་མཐུག་སྤངས། སྟག་གཟིགས་དབྱི་སྤྱང་ལྤགས་ཆེན་སྤངས། ཞེས་གསུངས་པ་ལྟར། དེ་ཡང་རྒྱུ། ས་དང་ཤིང་སྤང་སོགས་ཀྱིས་བཟོས་པའི་ཁྲི་མཐོན་པོ་དང་། རིན་པོ་ཆེའི་རིགས་གསེར་དངུལ་ལ་སོགས་རྒྱུ་ཆ་ལས་གྲུབ་པའི་ཁྲི་བཟང་པོ་དང་། དར་ཟབ་དང་མན་རས་ལ་སོགས་གོས་ཆེན་གྱིས་བཟོས་པའི་ཁྲི་མཛེས་པོ་དང་། གཅན་གཟན་གྱི་རིགས་སྟག་དང་དབྱི་སྤྱང་གི་ལྤགས་པ་སོགས་ཀྱིས་བཟོས་པའི་གདན་ཁྲི་དྲག་པོ་རྣམས་ནི། ཆེ་འདོད་མལ་ཆེན་ཞེས་བྱ་ལ། དེ་དག་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་སྤང་བར་བྱ་བའི་རིགས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཆེ་འདོད་མལ་ཆེན་
|; |@@@ | | }}