17262
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གསུམ་མེ་ལུག་ཕྱི་ལོ་ ༡༧༨༧ ལོར་མདོ་སྨད་ཙོང་ཁའི་ཆུ་བཟང་ལུང་པའམ་ཆུ་རུལ་ཁར་ཡབ་སྔགས་འཆང་ཚེ་རིང་སྐྱབས་དང་། ཡུམ་སྐྱིད་རིལ་གཉིས་ཀྱི་སྲས་སུ་འཁྲུངས། བཞི་བར་ཆེ་ཤོས་ངག་དབང་བསྟན་པའི་སྤྲུལ་སྐུར་ངོས་བཟུང་། ལྔ་བར་འཇམ་བཞད་འཇིགས་མེད་དབང་པོར་མཇལ། དྲུག་པར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ལས་དགེ་བསྙེན་བསྒྲུབས། མཚན་ལ་བློ་བཟང་བཤད་སྒྲུབ་ཉི་མ་ཞེས་གསོལ། དགུ་བར་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ་ལས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ། བཅུ་བཞི་བར་སྐུ་འབུམ་གྱི་མཚན་ཉིད་གྲྭ་ཚང་གི་ཆོས་གྲྭར་ཞུགས། བཅོ་ལྔ་བར་དབུས་སུ་ཕེབས། སེར་སྨད་གྲྭ་ཚང་གི་ཆོས་གྲྭར་ཞུགས། ཉེར་གཅིག་པར་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་མནོས། གླིང་བསྲེའི་དམ་བཅའ་ཐེངས་མང་མཛད། བོད་གཞུང་ནས་བསྟན་པའི་གསལ་བྱེད་མེ་རྒན་ཨེར་རྡེ་ནི་མཁན་པོ་ཞེས་པའི་མཚན་སྙན་བསྩལ། ཉེར་གཉིས་པར་མདོ་སྨད་དུ་ཕེབས། ཉེར་གསུམ་པར་སྐུ་འབུམ་བྱམས་པ་གླིང་གི་གདན་ཁྲིར་ཕེབས། དུས་འཁོར་གྲྭ་ཚང་གསར་འཛུགས་དང་། འདུ་ཁང་གསར་བཞེངས་མཛད། སོ་ལྔ་བར་པེ་ཅིང་དུ་ཕེབས། ལྕ་སྐྱ་རིན་པོ་ཆེ་དང་མཇལ། སོག་ཡུལ་དུ་ཕེབས། ཧོ་ཤོའི་དགོན་དུ་ལོ་ངོ་བརྒྱད་བཞུགས། ཞེ་གསུམ་པར་རང་ཡུལ་དུ་ཕེབས། རེ་གཉིས་པར་ཆུ་བཟང་རིན་པོ་ཆེས་ནན་ཞུས་ལྟར་བྱ་ཁྱུང་དགོན་པའི་ཁྲི་ཆེན་དུ་ཕེབས། དོན་གཉིས་པར་སོག་ཡུལ་དུ་ཞབས་ཀྱིས་བཅགས། བླ་དཔོན་མང་པོར་དབང་ལུང་བཤད་ཁྲིད་སོགས་ཆོས་སྦྱིན་བསྩལ། རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་ཕྱི་ལོ ༡༨༦༠ ལོར་མུ་རྒེ་དགོན་སུ་མུ་སྨོན་འཕེལ་གླིང་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཐུའུ་བཀྭན་མཆོག་སྤྲུལ་བློ་བཟང་བཤད་སྒྲུབ་དབང་ཕྱུག་རྒྱ་མཚོ། ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས། མགར་ཐར་ཐེ་བོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་བཅས་ཡིན། གསུང་རྩོམ་ནི་ཆོ་ག གསོལ་འདེབས། བཅའ་ཡིག བསངས་མཆོད། བསྟོད་ཚིག་བཅས་ཆོས་ཚན་དྲུག་ཅུ་རེ་གསུམ་ཡོད་པ་རྣམས་པོ་ཏི་གཉིས་སུ་བསྡུས་ཏེ་པར་ཤིང་དུ་བཞུགས། |
{{#arraymap:ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་
|; |@@@ | | }}