17263
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཉིས་པའི་མེ་བྱ་ཕྱི་ལོ་ ༡༧༡༧ ལོར་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་ཕྱི་ལོ ༡༧༦༩ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། ཆོས་ཐོག་རེའི་ཉེར་གསུམ་ལ་ཀུན་རིག་གི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་བདག་འཇུག་གསར་དུ་བཙུགས། ཆས་འཇུག་ཆ་ཚང་བརྒྱ་ཕྲག་གཅིག རྡོ་དྲིལ་ལྔ་བཅུ་སོགས་ཀྱི་སྤྱི་འཇོག་གནང་། རབ་བྱུང་བཅུ་གསུམ་པའི་ས་ཕག་ཕྱི་ལོ་ ༡༧༧༩ ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲིར་བཞུགས། པཎ་ཆེན་རིན་པོ་དཔལ་ལྡན་ཡེ་ཤེས་ཀྱིས་འདུ་ཁང་སྟེང་དུ་གསེར་ཟངས་ཀྱི་རྒྱལ་མཚན་ཆེ་བ་ཆ་དང་། མཆོད་རྫས་བཅས་གནང། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ་ ༡༧༨༠ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་ནན་ཏན་མཛད། པཎ་ཆེན་དགོངས་རྫོགས་གང་རྒྱས་མཛད། རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ཕྱི་ལོ་ ༡༧༨༡ ལོར་འདུ་ཁང་དུ་སྐུ་གདུང་ལྷ་བབས་མཆོད་རྟེན་བཞེངས། འདས་ལོ་མི་གསལ། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་དྲུག་པ་དང་། རྒྱུད་པ་མཁན་པོའི་ཁྲི་རབས་བཅུ་དྲུག་པ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་སོ་གསུམ་པ་ཡིན། |
{{#arraymap:ཆེ་ཤོས་ངག་དབང་བསྟན་པ་
|; |@@@ | | }}