17265
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྐུ་འབུམ་མཆོད་གཞི་ཀླུ་འབུམ་ཆེ་ཤོས་སྡེ་བར་འཁྲུངས། འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཅིག་པའི་ས་བྱི་ཕྱི་ལོ་ ༡༦༤༨ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། གདན་ས་ལོ་ལྔར་བསྐྱངས། རབ་བྱུང་བཅུ་གཅིག་པའི་ས་གླང་ཕྱི་ལོ་ ༡༦༤༩ ལོར་ཟི་ན་ཆོས་རྗེ་ལེགས་པ་རྒྱ་མཚོས་དཔལ་ལྡན་གསང་སྔགས་བདེ་ཆེན་གླིང་གསར་དུ་བཙུགས། རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་ཕྱི་ལོ་ ༡༦༥༠ ལོར་ཨོས་རོད་ཀྱི་དཔོན་པོ་ཚེ་དབང་བསྟན་འཛིན་གྱིས་སྐུ་འབུམ་གྱི་ཁྲི་ཆེན་རིམ་བྱོན་བཞུགས་སའི་གཟིམས་ཁང་གསར་བཞེངས་མཛད། བླ་བྲང་ཆེན་མོ་བཀྲ་ཤིས་ཁང་གསར་ཞེས་གསོལ། རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་རྒྱལ་དབང་ལྔ་བ་སྐུ་འབུམ་དུ་ཕེབས། བླ་བྲང་ཆེན་མོར་བཞུགས། རྒྱལ་དབང་གསུམ་པའི་བཞུགས་ཁྲིའི་སྟེང་ནས་ལམ་རིམ་ཆེན་མོའི་ཆོས་ཐུན་གཅིག་གནང་། བཅའ་ཡིག་ཆེན་མོ་ཉུང་ངུ་རྣམ་གསལ་མཛད་ནས་ཚོགས་ཆེན་ཁྲི་བར་གནང་། འདས་ལོ་མི་གསལ། སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ཆེན་བརྒྱད་པ་ཡིན། |
{{#arraymap:ཆེ་ཤོས་དཔལ་ལྡན་རྒྱ་མཚོ་
|; |@@@ | | }}