From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆེད་དུ་བརྗོད་པའི་ཚོམས་ (1)
| Part of speech
|
མིང་ཚིག
|
| Definition
|
དགྲ་བཅོམ་པ་འཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས། རྒྱ་གར་གྱི་མཁན་པོ་བིདྱཱ་པྲ་བྷ་ཀ་ར་དང་ལོཙྪ་བ་བན་དེ་རིན་ཆེན་མཆོག་གིས་བསྒྱུར། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ། སྡེ་དགེ་པར་མ་ཞོལ་པར་མའི་དཀར་ཆག་ཏུ་འདི་མདོ་སྡེ་པ་རྣམས་ཀྱིས་བསྟན་བཅོས་སུ་འདོད་ཀྱང་། བྲེ་སྨྲས་བཀའ་ཡིན་པར་འདོད་ཅེས་འཁོད། བཀའ་འགྱུར་མདོ་སྡེ་ས་པར་བཞུགས།
|
ཆེད་དུ་བརྗོད་པའི་ཚོམས་ (2)
| Part of speech
|
མིང་ཚིག
|
| Definition
|
བཀའ་འགྱུར་མདོ་སྡེ་ས་པར་བཞུགས་པའི་ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པའི་སྡེ་ཚན་ཞིག
|