17298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆེན་པོ་ (1)
Part of speech རྒྱན་ཚིག
Definition བོངས་ཚོད་དང་རྒྱ་ཁྱོན་སོགས་ལྟོས་འཇོག་གིས་གཞན་ལས་མང་ཙམ་ཟིན་པའི་དོན་ཏེ།
Keyword True
Example རྡོ་རྗེ་གཟུགས་པོ་ཆེན་པོ་ཡོད། སྟོབས་རྒྱལ་དེ་ལས་ཆེ་བ་ཡོད། བཀྲིས་ཆེ་ཤོས་ཡིན་ལྟ་བུ།
Antonyms ཆུང་ངུ་།
Adj Com Sup (?) ཆེན་པོ། ཆེ་བ། ཆེ་ཤོས།
ཆེན་པོ་ (2)
Part of speech རྒྱན་ཚིག
Definition ལོ་ཚོད་མཐོ་བའི་དོན།
Example ངའི་ཨ་ཕ་དགུང་ལོ་ཆེན་པོ་ཡིན་ལྟ་བུ།
Antonyms ཆུང་ངུ་།
ཆེན་པོ་ (3)
Part of speech རྒྱན་ཚིག
Definition ཡོན་ཏན་དང་གོ་གནས་སོགས་ཁྱད་དུ་འཕགས་པའི་དོན།
Example ཁོང་མཁས་པ་ཆེན་པོ་རེད། བླ་མ་ཆེན་པོ། དཔོན་པོ་ཆེན་པོ་ལྟ་བུ།
Antonyms ཆུང་ངུ་།