17309

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆེན་པོ་ལྔའི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་ཤ་གལ་ཆེན་དང་གཟུགས་ཀྱི་ཕུང་པོ། ཤིམ་ཕོད་དྲི་ཆེན་དང་འདུ་བྱེད་ཕུང་པོ། ཏིང་མུར་སྐྱེ་རྩ་དང་ཚོར་བའི་ཕུང་པོ། ཏིང་མུར་ཏིང་ཤོ་དང་འདུ་ཤེས་ཕུང་པོ། ཐིག་ལེ་ཐབས་ཆེན་དང་རྣམ་ཤེས་ཕུང་པོ་ཟུང་རེ་བཅས་ལྔ་པོ་དེ་དག་མི་སྤང་ཞིང་དང་དུ་བླང་བ་ལྔ་ལ་གསུངས་ཏེ། དཔལ་གསང་བ་འདུས་དོན་གྱི་རྒྱུད་ལས། ཆེན་པོ་ལྔ་ཡི་དམ་ཚིག་ནི། གདོད་ནས་མི་སྤང་བླང་བའི་རྒྱུ། གསང་ཤ་གལ་ཆེན་གཟུགས་ཀྱི་བདུད། མེེ་ལོང་ཡེ་ཤེས་དག་པའི་རྩི། ཤིམ་ཕོད་དྲི་ཆེན་འདུ་བྱེད་བདུད། མཉམ་ཉིད་ཡེ་ཤེས་དག་པའི་རྩི། ཏིང་མུར་སྐྱེ་རྩ་ཚོར་བའི་བདུད། སོར་རྟོགས་ཡེ་ཤེས་དག་པའི་རྩི། ཏིང་མུར་ཏིང་ཤོ་འདུ་ཤེས་བདུད། བྱ་ནན་ཡེ་ཤེས་དམ་ཚིག་གོ ། ཐིག་ལེ་ཐབས་ཆེན་རྣམ་ཤེས་བདུད། སྟོང་ཉིད་ཡེ་ཤེས་དག་པའི་རྩི། བདུད་རྩི་གསང་བའི་གསང་དམ་བཅུད། མི་འདོར་བ་ཡི་དམ་ཚིག་གོ ། ཞེས་གསུངས་པས་སོ། །
Domain ཆོས་ལུགས།

{{#arraymap:ཆེན་པོ་ལྔའི་དམ་ཚིག་

|; |@@@ | | }}