1732

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུ་ལུང་འབྲོག་དགོན་ (1)
Part of speech མིང་ཚིག
Definition ཀུ་ལུང་འབྲོག་པ་བསམ་གྲུབ་དགོན་ནི། རིག་འཛིན་ཆོས་ཀྱི་གྲགས་པའི་སྲས་ཨ་གསེར་གྱིས་ཁྲོམ་ན་བ་ཁོག་ཏུ་བཏབ། རྟེན་གསུམ་རེ་བཞེངས་ཏེ་བསྟན་པ་འཕེལ་རྒྱས་བྱུང་། རབ་བྱུང་བཅུ་དྲུག་པའི་དཀྱིལ་ཙམ་ལ་ནང་དམེ་བྱུང་སྟེ་ལི་ཐང་དང་དཀར་མཛེས་ཕྱོགས་སུ་ཡུལ་གྱར་བས་སྡེ་ཉུང་བས་དགོན་པ་བདག་གཉེར་མ་ཐུབ་པ་དང་།དེའི་རྗེས་རིག་གསར་སྐབས་སུ་དགོན་པའི་རྟེན་དང་བརྟེན་པ་མིང་ཙམ་དུ་བྱས། རབ་བྱུང་བཅུ་བདུན་པའི་འབྲུག་ལོ་ལ་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་གནང་། ཆོས་བརྒྱུད་སྔ་འགྱུར་ཀཿཐོག་པ་ཡིན།