17325

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆེར་རྗེ་ཞིག་པོ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྨད་དུ་མངའ་རིས་མང་མཁར་དུ་འཁྲུངས། ཆུང་ངུའི་དུས་ནས་ཡིག་རྩིས་ལ་སྦྱངས། གསོ་བ་རིག་པ་ལ་ཐོས་བསམ་མཛད། འགྲོ་བའི་ནད་ཀྱི་སྡུག་བསྔལ་བསལ། གསོ་རིག་གི་འཆད་ཉན་སྤེལ། གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་གསོ་རིག་དགོས་འདོད་ཀུན་འབྱུང་ལས་བདུད་རྩི་ཐིགས་པ་མ་བུ་སྡེ་སྐོར་དང་། ཐིགས་ཆུང་གསལ་སྒྲོན་ལ་སོགས་ཆེར་རྗེའི་ལུགས། ཞེས་གསུངས། བོད་སྨན་མཁས་པ་མི་དགུའི་ཡ་གྱལ་ཞིག་ཡིན། སློབ་མ་གྲགས་ཆེ་བ་ནི་བདེ་བ་དཔལ་དང་། ཡོན་ཏན་རྒྱ་མཚོ། གཙང་སྟོད་དང་མ་མགོན་པོ་གསུམ་ཡིན། གསུང་རྩོམ་ནི་ཤེས་བྱ་སྤྱིའི་ཁོག་འབུགས་རྒྱལ་མཚན་རྩེར་འབར་དང་། ས་བཅད་དོན་འཁྲིགས་འབྱེད་པའི་ལྡེའུ་མིག དཀའ་ཚོམས་གེགས་སེལ་གནམ་ལྕགས་འཁོར་ལོ། ཚིག་དོན་ཞིབ་རྒྱས་སུ་འགྲེལ་པ་མུ་ཏིག་གི་ཕྲེང་བ་རྒྱས་བསྡུས་གཉིས། བདུད་རྩི་ཐིགས་པ་བཅས་བཞུགས། མཚན་གཞན། ཐུགས་རྗེ་ཁྲི་འོད།