17336

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོ་ག་ཇི་ལྟ་བུས་སྲ་བརྐྱང་གདིང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཆོ་ག་ཇི་ལྟ་བུས་སྲ་བརྐྱང་གདིང་བ་ནི་གསོལ་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་འདིང་བ་པོ་བསྐོ་བ་དང་གསོལ་བ་འབའ་ཞིག་པའི་ལས་ཀྱིས་དེ་ལ་གཏད་པ་རྣམས་ཡིན་པའི་ཕྱིར། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བདུན་པ་ཆོ་ག་ཇི་ལྟ་བུས་གདིང་བ་ཡོད་དེ། སྦྱོར་བ། དངོས་གཞི། མཇུག་གསུམ་གྱི་སྒོ་ནས་གདིང་བར་བྱ་བ་ཡིན་པའི་ཕྱིར། དང་པོ་ཡོད་དེ། གང་ཟག་སོ་སོའི་སྦྱོར་ཆོག་དང་། དགེ་འདུན་ཚོགས་པའི་སྦྱོར་ཆོག་དང་གདིང་བར་བསྐོས་པའི་དགེ་སློང་གི་སྦྱོར་ཆོག་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མདོར། དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབས་པ་ཡིན་པས། དེའི་ཕྱིར་བྱིན་གྱིས་བརླབས་པ་དག་ཕྱུང་ནས་སོ་ཞེས་འབྱུང་བ་ལས། དགེ་སློང་རྣམས་ཀྱིས་རང་རང་གི་ཆོས་གོས་བྱིན་བརླབས་དབྱུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།