17345
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གསོ་སྦྱོང་ལ་མདོ་རྒྱས་པ་འདོན་དགོས་ཀྱང་སྒྲ་འདོན་མི་རུང་ན་ཚིགས་བཅད་གཅིག་ཙམ་འདོན་པའི་འཐུས་པ་ནི་ཆོ་གའི་དམིགས་གསལ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་ཆོ་གའི་དམིགས་བསལ་ཡོད་དེ། མདོར། སྒྲ་མི་འདོད་ན་མདོར་བསྡུས་པས་སོ་ཞེས་གསུངས་པ་ལྟར། སྡིག་པ་ཅི་ཡང་མི་བྱ་ཞིང་། ཞེས་སོགས་མདོར་བསྡུས་ཀྱིས་ཀྱང་བྱ་རུང་བ་དང་། བྱིན་གྱིས་བརླབས་པ་དང་སྔར་བཤད་པ་ལྟར་འདུན་པ་དང་ཡོངས་དག་འབུལ་བ་དང་། དགག་དབྱེ་བྱས་པས་དེ་མ་བྱས་པའི་ཉེས་པ་ཁེགས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |