17359
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གཟུགས་བརྙན་གྱི་ཡི་གེའི་ཆ་ཤས་སུ་གསུངས་པ་ལྟར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱིངས་དང་ཡེ་ཤེས་སྐྱེ་མེད་མཚོན་བྱེད་དུ་ཨཱོཾ་ཨྃ་ཧཱུྃ་སྭཱ་ཧྃ་མཱུྃ་ཨཱ་སོགས་ཀྱི་ཡི་གེ་ལྟ་བུས་མྱང་འདས་ཀྱི་ཆོས་མཚོན་པར་བྱེད་པ་དང་། ཨཿནྲྀཿསུཿཏྲིཿཔྲེཿདུཿསྟེ་ས་བོན་དྲུག་གི་ཡེ་གེ་དང་། འགྲོ་བ་རྣམས་ཀྱི་སྒྲ་སྐད་ཀུན་ཀྱང་སོ་སོར་སྣང་བའི་ཐ་དད་པའི་ཡི་གེས་ཟིན་པ་དག་དང་། ལྷ་ཀླུ་མི་མི་མ་ཡིན་གནོད་སྦྱིན་སོགས་ཀྱི་ཡི་གེར་གྲགས་པ་དག་ནི་འཁོར་བའི་ཆོས་མཚོན་པར་བྱེད། ཡང་ཨ་དང་ཀ་ལ་སོགས་པ་ལྟ་བུ་འཁོར་འདས་གཉིས་ཀའི་ཆོས་མཚོན་པར་བྱེད་པ་དག་གོ ། དེ་ལ་དབྱེ་ན་གསུམ། འཇིག་རྟེན་ལས་འདས་པའི་ཡི་གེ འཇིག་རྟེན་པའི་ཡི་གེ ཐུན་མོང་གི་ཡི་གེའོ། ། |
| Domain | ཆོས་ལུགས། |